2025 News
October 26, 2025
H.E. Ling Rinpoche Attends as Chief Guest at Norbulingka Festival Celebrating Norbulingka Institute’s 30th Founding Anniversary
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༡༠ ཚེས། ༢༤ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སྐུ་མགྲོན་གཙོ་བོར་ཆིབས་བསྒྱུར་གྱིས་༢༠༢༥ ལོའི་ནོར་གླིང་དུས་སྟོན་ཐེངས་དང་པོ་དེ་བཞིན་གཙོ་ཆེ་འདི་ལོར་༸གོང་ས་༸ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་བོད་མིས་གཙོས་འཛམ་གླིང་ཡུལ་གྲུ་གང་ས་ནས་བྱམས་བརྩེའི་ལོར་བསྲུང་བརྩི་ཞུ་བཞིན་པ་ལྟར་འདི་ག་ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་ནས་གོ་སྟོན་བསྲུང་བརྩིའི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་ནོར་གླིང་འགན་འཛིན་དང་ལས་བྱེད་རྣམས་ནས་་དགའ་བསུའི་རྣམ་པས་ལག་ཟུང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུའི་འཚམས་འདྲི་ཞུས་ཅིང་། བཞུགས་གྲལ་དུ་འཁོད་མཚམས་ནོར་གླིང་སློབ་ཕྲུག་ཁག་ཅིག་ནས་ལྷ་གཞུང་བཀྲ་ཤིས་ཞོལ་བ་གཟིགས་འབུལ་དང། ནོར་གླིང་སྡེ་ཚན་ཁག་ནས་གཞས་སྣ་གཟིགས་འབུལ་ཞུས་པར་དགྱེས་གཟིགས་མཛད། བཀའ་སློབ་གསོལ་འདེབས་ཞུ་དོན་ལྟར། ནོར་གླིང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་གི་བྱུང་རིམ་དང་། རིགས་གཞུང་ཁང་འདི་ནས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ཐོག་ལ་གཟེངས་སུ་ཐོན་པའི་ཕྱག་ལས་རླབས་ཆེ་གནང་ཡོད་པ་སོགས་ཀྱི་སྐོར་ལ་བཀའ་སློབ་སྩལ་ཅིང་དེ་བཞིན་འགྲིམས་སྟོན་ཁག་ལ་གཟིགས་ཞིབ་གནང་སྐབས་ཀྱི་སྐུ་པར། H.E. Ling Rinpoche attended the first ever Norbulingka Festival, held to celebrate His Holiness … Read more
October 23, 2025
H.E. Ling Rinpoche is Chief Guest at 65th Founding Anniversary of Tibetan Children’s Village
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༡༠ ཚེས། ༢༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ ནས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་༦༥ འཁོར་བའི་དུས་དྲན་གྱི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་དགེ་ལས་སློབ་ཕྲུག་ཡོངས་ནས་་དགའ་བསུའི་འཚམས་འདྲི་དང་། ཕེབས་བསུ་རྔ་རོལ་དབྱངས་ཀྱི་སྔོན་བསུས་བཞུགས་ཁྲིར་འཁོད་། བཀའ་སློབ་སྩལ་དོན། ཤེས་ཡོན་གྱི་གལ་གནད་དང་། སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་ཡ་རབས་བཟང་སྤྱོད་ལྡན་པའི་མི་སྣ་བསྐྱེད་སྲིངས་དགོས་རྒྱུ་དང་། གཙོ་ཆེ་ ༸གོང་ས་༸ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་འདི་ལོར་དགུང་གྲངས་ ༩༠ ལ་ཕེབས་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་བོད་མིས་གཙོས་འཛམ་གླིང་ཡུལ་གྲུ་གང་ས་ནས་བྱམས་བརྩེའི་ལོར་བསྲུང་བརྩི་ཞུ་བཞིན་པ་དང་། ང་རང་ཚོས་༸གོང་ས་༸མཆོག་དང་། བོད་ཁྱིམ་གྱི་བཀའ་དྲིན་དྲན་པའི་ཐོག་ནས་སློབ་གྲྭའི་སྒྲིག་ལམ་ཀུན་སྤྱོད་ལ་གུས་བརྩི་དང་། རང་དགོས་ཀྱི་སློབ་སྦྱོང་ཧུར་ཐག་གནང་དགོས་པའི་ཐོག་ལ་བཀའ་སློབ་བཀའ་དྲིན་ཆེ་སྩལ་སྐབས། ། H.E. Kyabje Yongzin Ling Rinpoche graced the 65th … Read more
October 20, 2025
H.E. Ling Rinpoche Wishes All a Happy Diwali!
H.E. Ling Rinpoche extends warm wishes to all Indians on the auspicious occasion of Deepotsav! May this auspicious festival be bright and auspicious, the god of knowledge in your life. … Read more
October 6, 2025
H.E. Ling Rinpoche Wishes All a Joyful Mid-Autum Festival!
Wishing everyone a joyful Mid-Autumn Festival! May the full moon bring you and your loved ones harmony, happiness, and good health.
October 4, 2025
His Holiness the Dalai Lama Pays Respects to the Embalmed Body of His Principal Tutor, the 6th Kyabjé Yongzin Ling Rinpoche
༄༅། །ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ནས་དྷ་ས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་གི་རྟེན་གཙོའི་གྲས་སུ་བཞུགས་པ་མགོན་པོ་གང་གི་རིགས་ཀྱི་ཅོད་པན་ཡོངས་འཛིན་སྐུ་བགྲེས་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་དམར་གདུང་རིན་པོ་ཆེའི་སྐུ་མདུན་དུ་ཐུགས་སྨོན་གནང་བཞིན་པའི་སྐུ་པར་བྱིན་ཅན། ། His Holiness the Great 14th Dalai Lama paid respects to the embalmed body of his Principal Tutor, His Holiness the 6th Kyabjé Yongzin Ling Rinpoche, at His … Read more
September 30, 2025
H.E. Ling Rinpoche Prays for Those Affected by Severe Storms in Vietnam, Philippines, Hong Kong, Macau, Taiwan, and Southern China
H.E. Ling Rinpoche is offering heartfelt prayers for all those affected by the recent severe storm across Vietnam, the Philippines, Hong Kong, Macau, Taiwan, and southern China. He prays for … Read more
September 26, 2025
H.E. Ling Rinpoche Offers Heartfelt Prayers for the Passing of Gaden Trisur Rinpoche Lobsang Tenzin, the 104th Gaden Tripa
༄༅། །འཇམ་མགོན་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༢༦ ཉིན་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོ་གནས་ཚུལ་ཐོས་པར་བློ་ཕམ་དང་བཅས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་སྨོན་ལམ་ཞུ་བཞིན་པ་དང་། མགོན་པོ་གང་ཉིད་ནི་སྐུ་ཚེ་ཧྲིལ་བོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དབུ་འོག་དཔུང་འདེགས་ཞུས་ཅིང་། དེ་བཞིན་གངས་བོད་ཀྱི་གདན་ས་ཆེན་པོ་རྣམ་པ་གསུམ་དང་། གསང་ཆེན་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་རྒྱུད་གྲྭ་སྟོད་སྨད་བཅས་ལ་མདོ་སྔགས་ཀྱི་དབང་ལུང་མན་ངག་ཟབ་ཁྲིད་རྣམས་རིམ་པར་སྩལ་ཅིང་། བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བསྟན་པར་མཛད་པ་རླབས་པོ་ཆེ་སྐྱོང་བཞིན་པའི་མུར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་མཛད་པ་བཞེས་ཀྱང་སླར་ཡང་བདག་སོགས་བསྟན་འགྲོའི་མགོན་དུ་འཁྲུལ་བྲལ་གྱི་ཡང་སྲིད་མྱུར་དུ་བྱོན་པའི་སྨོན་འདུན་དང་བཅས། །ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༢༦ ཉིན་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་མིང་པས། ། H.E. Ling Rinpoche is deeply saddened by the passing of … Read more
September 13, 2025
H.E. Ling Rinpoche Warmly Welcomed and Gives Advice at Sera Jey Monastery
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༡༣ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆིབས་བསྒྱུར་སྐབས་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། ལས་སྣེ་དབུ་ཆོས། ཕྱག་མཛོད། ཁང་ཚན་རྒན་དང་། སྡེ་ཚན་ཁག་གི་འགན་འཛིན་བཅས་ནས་སྤྱན་རྒྱ་སྤོས་སྣེ་དང་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཐོག་གཙུག་ལག་ཁང་དུ་གདན་ཞུས་ཀྱི་མཎྜལ་རྟེན་གསུང་འདེགས་འབུལ་ཞུས་ཅིང་། དེ་བཞིན་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་བཀའ་སློབ་སྩལ་སྐབས་ཀྱི་སྐུ་པར། ། H.E. Ling Rinpoche visited Sera Jey Monastery, where the Abbot and all the heads of the … Read more
September 13, 2025
H.E. Ling Rinpoche Bestows Vajrapani, Hayagriva and Garuda Initiation at Sera Monastery
࿑ ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བླ་སྤྱི་དང་། སེར་བྱེས་མཁས་སྙན་གྲྭ་ཚང་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་། སྦེལ་ཀོབ་ལུགས་བསམ་གཞིས་ཆགས་དང་། བདེ་སྐྱིད་སླར་གསོའི་གཞིས་ཆགས། སེར་བྱེས་འཕྲོད་བསྟེན་དང་། སེར་སྨད་འཕྲོད་བསྟེན། སེར་བྱེས་སློབ་གྲྭ་དང་། སེར་སྨད་སློབ་གྲྭ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་དད་ལྡན་རྣམས་ལ་ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༡༣ རེས་གཟའ་སྤེན་པའི་ཉིན་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིའི་གཙུག་ལག་ཁང་དུ་ཕྱག་རྡོར་དྲག་པོ་གསུམ་བསྒྲིལ་གྱི་རྗེས་གནང་དང་། འཇུག་ཏུ་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་སྐབས་ཀྱི་སྐུ་པར། ། H.E. Ling Rinpoche, at the request of Sera Lachi, Theckchen Ling Monastery, … Read more
September 12, 2025
H.E. Ling Rinpoche Attends Great Madhymaka Symposium and Book Launch at Sera Tehor Khangsten
࿑ ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༡༢ ཉིན་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱིས་༸རྒྱལ་བའི་སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཟབ་མོ་དབུ་མའི་བགྲོ་གླེང་ཆེན་མོའི་མཛད་སྒོའི་ཉིན་དབུ་བཞུགས་སུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བད་ེལེགས་མཆོག་དེ་བཞིན་ཁམས་ཚན་གྱི་བརྩི་བཞག་རྒན་དང་། གྲྭ་ཚང་གི་ཁྲིམས་བདག་དགེ་སྐོས་ལགས། ཁམས་ཚན་རྒན་དང་དབུ་མཛད། རྒྱལ་སྲས་བླ་སྤྲུལ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན། དགེ་འདུན་འདུས་པ་རྒྱ་མཚོ་བཅས་ལྷན་འཛོམས་ཀྱིས་བགྲོ་གླེང་གནང་སྐབས་དང་། དུས་དྲན་དང་འབྲེལ་བའི་དཔེ་དེབ་”རོལ་མཚོའི་རྦ་རླབས་”མདོན་ཐེངས་བཅུ་བཞི་པ་དེ་དབུ་འབྱེད་གནང་སྐབས་ཀྱི་བརྙན་པར། ། H.E. Ling Rinpoche attended with Sera Jey Monastery’s Khensur Rinpoche Jetsun Lobsang Pelek, the … Read more