‹ News 2025

September 9, 2025

H.E. Ling Rinpoche Arrives to Heartfelt Welcome Reception at Sera Monastery

࿑ ཕྱི་ལོ། ༢༠༢༥ ཟླ་བ། ༩ ཚེས། ༨༩ རེས་གཟའ་མིག་དམར་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་སྐབས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་སྐུ་ཚབ། སྦེལ་ཀོབ་ས་གནས་བོད་ཀྱི་ཁྲིམས་ཞིབ་པ་དང་། སྦེལ་ཀོབ་ལུགས་བསམ་དང་། བདེ་སླར་གཞིས་ཆགས་ཀྱི་སྐུ་ངོ་རྣམ་གཉིས། ས་གནས་མཉམ་སྦྲེལ་ཚོགས་གཙོ་ས་གནས་གཞོན་ནུའི་ཚོགས་གཙོ་དང་། བུད་མེད་ཚོགས་གཙོ

གྲྭ་ཚང་ཁག་གཉིས་ཀྱི་དབུ་ཆོས་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྒྱལ་སྲས་བླ་སྤྲུལ་ཁག་དགེ་འདུན་འདུས་མངས་བཅས་ནས་ཕེབས་བསུ་སེར་སྦྲེང་གི་སྔོན་བསུས་ཏེ་སེ་ར་ཐེག་ཆེན་གླིང་གི་གཙུག་ལག་ཁང་དུ་ཕེབས་བསུའི་མཛད་སྒོ་བསྲུང་བརྩི་་གཟབ་རྒྱས་ཞུ་སྐབས་ཀྱི་བརྙན་པར། །

H.E. Ling Rinpoche arrived to a warm, heartfelt welcome reception at Sera Monastery.

In attendance to welcome Rinpoche were the two Abbots of Sera Monastery, representatives of Lugsam and Dekyi Larso Tibetan Settlements in Bylakuppe, the General Secretary of Sera Lachi, Head Administrators of Sera Jey and Sera Mey Monasteries, Heads of Sera Jey and Sera Mey Schools, the Head of the Health Department, representatives of Sera Tehor Khangtsen, and the Vice President of the International Tehor Community. Monks and members of the local community also gathered to offer their greetings and prayers.

‹ News 2025