2023 Archive

December 2023

May the new year bring peace, love and joy to the world and to you and your loved ones.
- With love and prayers, H.E. Ling Rinpoche



View the video on Facebook

࿑ ཕྱི་ལོ་༢༠༢༣ཟླ་བ་༡༢ཚེས་༢༨ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་དྭགས་བྱམས་སྨོན་ཆེན་མོའི་དབུ་བཞུགས་སུ་ཆིབས་བསྒྱུར་གྱིས་འདི་ཕྱི་ཀུན་ཏུ་དགེ་བའི་བླང་དོར་གྱི་རྣམ་གཞག་སྐོར་ལས་བརྩམས་ཏེ་བཀའ་ཆོས་དང་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུའི་ཡོངས་འཛིན་སྐུ་བགྲེས་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། སྐུའི་ཡོངས་འཛིན་སྐུ་གཞོན་ཁྲི་བྱང་རྡོ་རྗེ་འཆང་རྣམ་གཉིས་ནས་མཛད་པའི་”༸རྒྱལ་བའི་ཞབས་བརྟན་རབ་འབྱམས་རྒྱལ་བའི་”ལྗགས་ལུང་དང་། རྗེ་བཙུན་མ་ཕྱག་འཚལ་སྒྲོལ་མ་ཉེར་གཅིག་གི་ལྗགས་ལུང་། དེ་བཞིན་སྔོན་བྱུང་ལོ་རྒྱུས་དང་འབྲེལ་བའི་བཀའ་སློབ་བཀའ་དྲིན་ཆེ་སྩོལ་མཛད་སྐབས་ཀྱི་སྐུ་པར།

On 28th December, H.E. Ling Rinpoche presided over the Ladakhi Monlam in Bodh Gaya and gave teachings and the oral transmissions of H.H. the Great 14th Dalai Lama’s long life prayer, which was composed by H.H. 6th Kyabjé Ling Rinpoche and Kyabjé Trijang Rinpoche. Rinpoche also gave the oral transmission of the Praises to the 21 Taras.


࿑ ཕྱི་ལོ་༢༠༢༣ ཟླ་བ་༡༢ཚེས་༢༧ ཉིན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུཐེ་ཝན་ནས་ཕེབས་པའི་མཁན་རིན་པོ་ཆེས་དབུས་པའི་གྲ་བཙུན་རྣམས་དང་གཞན་ཡང་ས་ཕྱོགས་གཞན་ནས་ཕེབས་པའི་དད་ལྡན་རྣམ་ལ་སོ་ཐར་གྱི་ཕན་ཡོན་དང་ནང་ཆོས་ཀྱི་ཟབ་ཁྱད་སྐོར་ལ་བཀའ་ཆོས་སྩལ་སྐབས་ཀྱི་སྐུ་པར། །

On 27th December, H.E. Ling Rinpoche gave a teaching for Taiwanese monks and nuns about the importance of Vinaya and the responsibilities of each individual monk and nun to benefit people, in Bodh Gaya.


Thousands of Lights Offered at Mahabodhi Temple in Bodh Gaya Marking 40th Anniverary of His Holiness 6th Kyabjé Ling Rinpoche's Parinirvana ࿑ ཕྱི་ལོ་༢༠༢༣ ཟླ་བ་༡༢ ཚེས་༢༥ཉིན་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཡི་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེས་ཉིན་གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་སྣང་གསལ་གློག་མཆོད་ཕྲེང་བ་མཚར་དུ་མངར་བ་བཤམས་ཏེ་མཆོད་འབུལ་མཛད་སྐབས་ཀྱི་སྐུ་པར།།

On 25th December, the 40th anniversary of the Parinirvana of His Holiness the 6th Kyabjé Yongzin Ling Rinpoche, Principal Teacher to His Holiness the 14th Dalai Lama, thousands of lights were offered at the Mahabodhi Temple and Tibetan temples in Bodhgaya, with prayers for all of H.H. 6th Kyabjé Ling Dorje Chang's holy wishes to be fully realized.


࿑ ཕྱི་ལོ་༢༠༢༣ ཟླ་བ་༡༢ ཚེས་༢༥ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཡི་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་ཆེན་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེས་ཉིན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་འཁོར་གསུང་གནང་དང་འབྲེལ་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་རྗེས་སུ་དྲན་པའི་སྒོ་ནས་སྲུང་བརྩི་ཞུ་སྐབས་ཀྱི་སྐུ་པར།།

On 25th December, H.E. Ling Rinpoche participated in a tsog offering at Gaden Phelgyal Monastery in Bodh Gaya, to commemorate the 40th anniversary of the Parinirvana of His Holiness the 6th Kyabjé Yongzin Ling Rinpoche, Principal Teacher to His Holiness the 14th Dalai Lama with prayers for all of H.H. the 6th Kyabjé Ling Rinpoche’s holy wishes to be fully realized.


༧སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཡི་ཡོངས་འཛིན་ཁྲི་ཆེན་གླིང་སྤྲུལ་རྡོ་རྗེ་འཆང་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་དཔལ་བཟང་པོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་དུས་ཚེས་ཉིན་མགོན་པོ་གང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་རྗེས་སུ་དྲན་པའི་སྒོ་ནས་སྲུང་བརྩི་ཞུ། །

This December 25th commemorates the 40th anniversary of the Parinirvana of His Holiness the 6th Kyabjé Yongzin Ling Rinpoche, Principal Teacher to His Holiness the 14th Dalai Lama.

We pay homage to the beloved spiritual master’s extraordinary, enlightened activities and pray that all of Kyabjé Ling Dorje Chang’s holy wishes be fully realized.


࿑ ཕྱི་ལོ་༢༠༢༣ ཟླ་བ་༡༢ཚེས་༢༠ ནས་༢༣ བར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་ནང་པའི་གླེང་སྟེགས་ཀྱི་ཚོགས་ཆེན་དུ་ཆིབས་བསྒྱུར་དང་དེ་བཞིན་བྱང་ཆུབ་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་ནང་པའི་ཡུལ་གྲུ་ཁག་ནས་ཕེབས་པའི་བླ་ཆེན་ཁག་དང་ལྷན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་ཐུགས་སྨོན་མཚམས་སྦྱོར་གནང་བཞིན་པའི་སྐབས་ཀྱི་སྐུ་པར། །

On the morning of 23rd December, H.E. Ling Rinpoche attended the concluding session of the International Sangha Forum 2023 on ‘Bridging Traditions, Embracing Modernity: A Dialogue on the Buddha’s Teaching in Today’s World,’ where His Holiness the Great 14th Dalai Lama of Tibet led a World Peace Prayer gathering. Delegates from 33 countries participated in the three-day International Sangha Forum, along with the public at Bodhgaya’s Mahabodhi Temple. Prayers were performed in 11 languages, representing the Pali and Sanskrit traditions. The events were organized by the Office of His Holiness the Dalai Lama, the International Buddhist Confederation (IBC) and the SE Asia Coordinator’s office.


H.E. Ling Rinpoche sends his love, blessings and prayers to everyone for a joyful, peaceful and very happy holiday season and a successful year in 2024.


࿑ ཕྱི་ལོ་༢༠༢༣ ཟླ་བ་༡༢ཚེས་༡༩ ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་སུ་ཆིབས་བསྒྱུར་དང་སྟོན་པ་ཐུབ་པའི་དབང་པོའི་ན་བཟའ་དང་ལྷུང་བཟེད་གསར་འབུལ་ཞུས་ཅིང་སྟོན་པའི་སྣང་བརྙན་རིན་པོ་ཆེ་སྐུ་མདུན་དུ་༸གོང་ས་༸སྒྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་འཛམ་གླིང་ཞི་བདེའི་ཆེད་ཐུགས་སྨོན་བདེན་ཚིག་གནང་བཞིན་པའི་སྐབས་ཀྱི་སྐུ་པར། །

On December 19th, H.E. Ling Rinpoche visited and paid respects at the Mahabodhi Stupa this morning in Bodh Gaya, Bihar, where Shakyamuni Buddha attained enlightenment. Rinpoche made strong prayers for peace in the world and for the long life and perfect health of His Holiness the Dalai Lama.


On 16th December, His Holiness the Great 14th Dalai Lama of Tibet bowed reverently before an image of his Principal Teacher, His Holiness the 6th Kyabjé Ling Rinpoche, during his visit to the Temple at the Tibetan Monastery Gaden Phelgyal Ling in Bodhgaya, Bihar, India. Photo by Tenzin Choejor.



For more recent news, go to Facebook